འཛུལ་མིང།:
གསང་ཚིགས།:
དྲན་མཉར།
སྙན་ངག་འབྲི་སའི་ས་མིག
ང་ཡང་ངུ་བཞིན་ཡོད། ས་བདག་རྒྱལ་བོ་ཁྲོས་པའམ།། རང་བྱུང་གནོད་པ་ཡིན་ནམ་ཅི།། ཉམ་ཆུང་བོད་ཀྱི་མགོ་ཐོག་ལ།། གོད་ཆག་འདི་འདྲ་ཡོང་དོན་ཅི།།
མགོན་དུ་བསྟེན་པའི་ཆོས་སྐྱོང་དང་།། སྐྱབས་སུ་རེ་བའི་སྲུང་མ་རྣམས།། མིག་འཇུར་མཆེ་བ་གཙིགས་པ་ཡི།། འཇིགས་རྔམ་ཉམས་དེ་སུ་ལ་སྟོན།།
རྒྱ་ནག་དམར་པོས་བཙན་གནོན་བྱེད།། རང་བྱུང་ཁམས་ཀྱིས་འཇིགས་པ་སྟོན།། བོད་པ་ཚང་གི་སྲུང་མ་རྣམས།། ད་ལྟ་མི་མངོན་གང་དུ་བཞུགས།།
བརྩིགས་པའི་ཁང་ཁྱིམ་རྨང་ནས་བཤིག ། བསགས་པའི་འབྱོར་བ་ཐལ་བར་བཏང་།། ཕ་མ་བུ་ཡི་ཚེ་སྲོག་འཕྲོག ། འོ་དོད་མྱ་ངན་འདི་ལ་གཟིགས།།
གནའ་ནས་མཆོད་ཅིང་བསྙེན་པའི་འབྲས།། མཐུན་རྐྱེན་དགེ་ལེགས་མ་གནང་ཡང་།། རྐྱེན་ངན་གོད་ཆག་ཟློག་པ་ཡི།། ཐུབ་སྟོབས་ནུས་བ་ལྡན་ན་ཆོག །
སྐྱབས་སུ་བསྟེན་པའི་གདུལ་བྱ་དང་།། དེ་ཡི་ས་ཆ་ལག་མཐིལ་ཙམ།། སྲུང་བའི་མཐུ་དཔུང་མ་མཆིས་ན།། མཆོད་བཀུར་བསྙེན་པའི་དགོས་པ་གང་།།
མི་ཡིས་བདེ་སྡུག་ལྷ་ལ་བཅོལ།། ལྷ་ཡི་ཉེས་ཁྲིམས་མི་ལ་ཕོག ། མི་ཡི་ལས་དབང་གཉོམ་པོ་འདི།། བསམ་ཞིང་བསམ་ན་ཀྱེ་མ་ཧུད།།
ཁ་སང་མི་ཡུལ་ཞིང་དུ་བདེ།། དེ་རིང་གཤིན་རྗེ་གྲོང་དུ་འཁྱམས།། ཡོད་ཡོད་འདྲ་བའི་མི་ཚེ་འདི།། མེད་མེད་འདྲ་བའི་སྣང་བ་སྟེར།།
ཕ་མ་གྲོངས་པའི་དྦ་ཕྲུག་དང་།། གཅེས་ཕྲུག་ཤི་བའི་ཕ་མ་ཚོའི།། མི་ཐེགས་སྙིང་གི་མྱ་ངན་འདི།། འདེགས་ནུས་སྟོབས་ཆེན་སུ་ཞིག་ཡོད།།
ཁྱོད་ཚོའི་སེམས་ཀྱི་སྡུག་བསྔལ་ནི།། བོད་མི་ཡོངས་ཀྱི་སྡུག་བསྔལ་ཏེ།། བདག་ཀྱང་རྒྱང་རིང་ཡུལ་གྲུ་ནས།། ཁྱོད་ཚོ་ལྷན་དུ་ངུ་བཞིན་ཡོད།།
གསོན་པོ་རྣམས་ལ་སེམས་གསོ་རུ།། ཆེན་པོ་བདག་གིས་མ་ནུས་ཀྱང་།། ཡོ་སྒོར་བརྒྱ་ཡི་ཞལ་འདེབས་དང་།། སྡུག་བསྔལ་མཉམ་ཁུར་སེམས་འདི་ཡོད།།
འདས་པོ་དག་གི་ཆེད་དུ་ནི།། བདེ་འགྲོ་སྟོན་པའི་མཆོད་མེ་དང་།། འཇིགས་སྐྲག་ཞི་བའི་མ་ཎི་བཅས།། རྟེན་བཟང་མྱུར་འཐོབ་སྨོན་ལམ་ཡོད།།
རོགས་སྒྲིག་གོ་རིམ། ས་ཕྱི་གླིང་འགྲིམ་པའི་བོད་པ་ཚོ།། དེ་ནང་གི་ཕོ་རྐྱང་མོ་རྐྱང་ཚོ།། ནང་སྒོས་སུ་ཉམས་མྱོང་མེད་ནི་ཚོ།། རོགས་འཚོལ་བའི་གོ་རིམ་འདི་ལྟ་སྟེ།།
ལག་དམ་པོར་འཇུས་ནས་འབྲེལ་ཞིག་ཞོག ། ཁ་འགྲམ་པར་རློམས་ནས་གྲོགས་ཤིག་སྒྲིགས།། ཆང་བདུད་རྩི་ཁྱོག་ག་འཛུམ་ཞིག་སྟོན།། མིག་ཁྲ་ཆུང་བསྐོར་ར་བརྡ་ཞིག་རྒྱོབས།།
བཟི་མ་བཟི་མཚམས་ནས་བྲོ་ཞིག་ཁྲོབས།། སྐེ་དམ་པོར་འཁྱུད་ནས་འོ་ཞིག་བྱོས།། ལྕེ་དམར་ཆུང་འཇིབ་དུས་འགྲིག་སོང་ནས།། འགྲིག་སོང་རུང་ད་དུང་འདི་ལྟར་བྱོས།།
ལག་གཡོན་པས་མཐོ་སའི་སྐེ་ལ་འཁྱུད།། ལག་གཡས་པས་དམའ་སའི་རྐུབ་ལ་འཐོམས།། ལུས་བར་ཐག་མ་འཇོག་དམ་པོར་རློམས།། དབུགས་སྟོད་ལ་ཡང་ཡང་འཚང་དུ་བཅུག །
ལྭ་ཐུག་པོ་ཕུད་ལ་རྗེན་རྗེན་བྱོས།། བྲང་ནུ་མ་རང་གི་བྲང་ལ་སྔྱོར།། མཇེ་རྙ་མའི་ཁ་སྒོ་ཐུག་ཏུ་བཅུག ། གདོང་ཆགས་དམར་རྒྱས་དུས་ད་གཟོད་འགྲིག ། ལྷ་བསམ་ཐུབ་གསུམ་ནས།
མིང། (required)
གློག་འཕྲིན་ཁ་བྱང་། (པར་སྐྲུན་མི་བྱེད) (མེད་མི་རུང་།) (required)
དྲ་ཤོག
Copyright © 2010 tibetanpen.org.in. All Rights Reserved.
Developed by Tashi Tsering.
ང་ཡང་ངུ་བཞིན་ཡོད།
ས་བདག་རྒྱལ་བོ་ཁྲོས་པའམ།།
རང་བྱུང་གནོད་པ་ཡིན་ནམ་ཅི།།
ཉམ་ཆུང་བོད་ཀྱི་མགོ་ཐོག་ལ།།
གོད་ཆག་འདི་འདྲ་ཡོང་དོན་ཅི།།
མགོན་དུ་བསྟེན་པའི་ཆོས་སྐྱོང་དང་།།
སྐྱབས་སུ་རེ་བའི་སྲུང་མ་རྣམས།།
མིག་འཇུར་མཆེ་བ་གཙིགས་པ་ཡི།།
འཇིགས་རྔམ་ཉམས་དེ་སུ་ལ་སྟོན།།
རྒྱ་ནག་དམར་པོས་བཙན་གནོན་བྱེད།།
རང་བྱུང་ཁམས་ཀྱིས་འཇིགས་པ་སྟོན།།
བོད་པ་ཚང་གི་སྲུང་མ་རྣམས།།
ད་ལྟ་མི་མངོན་གང་དུ་བཞུགས།།
བརྩིགས་པའི་ཁང་ཁྱིམ་རྨང་ནས་བཤིག །
བསགས་པའི་འབྱོར་བ་ཐལ་བར་བཏང་།།
ཕ་མ་བུ་ཡི་ཚེ་སྲོག་འཕྲོག །
འོ་དོད་མྱ་ངན་འདི་ལ་གཟིགས།།
གནའ་ནས་མཆོད་ཅིང་བསྙེན་པའི་འབྲས།།
མཐུན་རྐྱེན་དགེ་ལེགས་མ་གནང་ཡང་།།
རྐྱེན་ངན་གོད་ཆག་ཟློག་པ་ཡི།།
ཐུབ་སྟོབས་ནུས་བ་ལྡན་ན་ཆོག །
སྐྱབས་སུ་བསྟེན་པའི་གདུལ་བྱ་དང་།།
དེ་ཡི་ས་ཆ་ལག་མཐིལ་ཙམ།།
སྲུང་བའི་མཐུ་དཔུང་མ་མཆིས་ན།།
མཆོད་བཀུར་བསྙེན་པའི་དགོས་པ་གང་།།
མི་ཡིས་བདེ་སྡུག་ལྷ་ལ་བཅོལ།།
ལྷ་ཡི་ཉེས་ཁྲིམས་མི་ལ་ཕོག །
མི་ཡི་ལས་དབང་གཉོམ་པོ་འདི།།
བསམ་ཞིང་བསམ་ན་ཀྱེ་མ་ཧུད།།
ཁ་སང་མི་ཡུལ་ཞིང་དུ་བདེ།།
དེ་རིང་གཤིན་རྗེ་གྲོང་དུ་འཁྱམས།།
ཡོད་ཡོད་འདྲ་བའི་མི་ཚེ་འདི།།
མེད་མེད་འདྲ་བའི་སྣང་བ་སྟེར།།
ཕ་མ་གྲོངས་པའི་དྦ་ཕྲུག་དང་།།
གཅེས་ཕྲུག་ཤི་བའི་ཕ་མ་ཚོའི།།
མི་ཐེགས་སྙིང་གི་མྱ་ངན་འདི།།
འདེགས་ནུས་སྟོབས་ཆེན་སུ་ཞིག་ཡོད།།
ཁྱོད་ཚོའི་སེམས་ཀྱི་སྡུག་བསྔལ་ནི།།
བོད་མི་ཡོངས་ཀྱི་སྡུག་བསྔལ་ཏེ།།
བདག་ཀྱང་རྒྱང་རིང་ཡུལ་གྲུ་ནས།།
ཁྱོད་ཚོ་ལྷན་དུ་ངུ་བཞིན་ཡོད།།
གསོན་པོ་རྣམས་ལ་སེམས་གསོ་རུ།།
ཆེན་པོ་བདག་གིས་མ་ནུས་ཀྱང་།།
ཡོ་སྒོར་བརྒྱ་ཡི་ཞལ་འདེབས་དང་།།
སྡུག་བསྔལ་མཉམ་ཁུར་སེམས་འདི་ཡོད།།
འདས་པོ་དག་གི་ཆེད་དུ་ནི།།
བདེ་འགྲོ་སྟོན་པའི་མཆོད་མེ་དང་།།
འཇིགས་སྐྲག་ཞི་བའི་མ་ཎི་བཅས།།
རྟེན་བཟང་མྱུར་འཐོབ་སྨོན་ལམ་ཡོད།།
རོགས་སྒྲིག་གོ་རིམ།
ས་ཕྱི་གླིང་འགྲིམ་པའི་བོད་པ་ཚོ།།
དེ་ནང་གི་ཕོ་རྐྱང་མོ་རྐྱང་ཚོ།།
ནང་སྒོས་སུ་ཉམས་མྱོང་མེད་ནི་ཚོ།།
རོགས་འཚོལ་བའི་གོ་རིམ་འདི་ལྟ་སྟེ།།
ལག་དམ་པོར་འཇུས་ནས་འབྲེལ་ཞིག་ཞོག །
ཁ་འགྲམ་པར་རློམས་ནས་གྲོགས་ཤིག་སྒྲིགས།།
ཆང་བདུད་རྩི་ཁྱོག་ག་འཛུམ་ཞིག་སྟོན།།
མིག་ཁྲ་ཆུང་བསྐོར་ར་བརྡ་ཞིག་རྒྱོབས།།
བཟི་མ་བཟི་མཚམས་ནས་བྲོ་ཞིག་ཁྲོབས།།
སྐེ་དམ་པོར་འཁྱུད་ནས་འོ་ཞིག་བྱོས།།
ལྕེ་དམར་ཆུང་འཇིབ་དུས་འགྲིག་སོང་ནས།།
འགྲིག་སོང་རུང་ད་དུང་འདི་ལྟར་བྱོས།།
ལག་གཡོན་པས་མཐོ་སའི་སྐེ་ལ་འཁྱུད།།
ལག་གཡས་པས་དམའ་སའི་རྐུབ་ལ་འཐོམས།།
ལུས་བར་ཐག་མ་འཇོག་དམ་པོར་རློམས།།
དབུགས་སྟོད་ལ་ཡང་ཡང་འཚང་དུ་བཅུག །
ལྭ་ཐུག་པོ་ཕུད་ལ་རྗེན་རྗེན་བྱོས།།
བྲང་ནུ་མ་རང་གི་བྲང་ལ་སྔྱོར།།
མཇེ་རྙ་མའི་ཁ་སྒོ་ཐུག་ཏུ་བཅུག །
གདོང་ཆགས་དམར་རྒྱས་དུས་ད་གཟོད་འགྲིག །
ལྷ་བསམ་ཐུབ་གསུམ་ནས།