སྣང་ལ་མ་ངེས་པའི་བརྩེ་དུང༌།

བུམ་བཟང་ཡོ་རོབ་ལ་སོང་ནས་ལོ་ལྔ་འགོར་སོང༌། ཁོའི་སེམས་སུ་རང་གི་མི་ཚེའི་ནང་གི་ཆེས་ནོར་མི་ཉན་པ་ནི་ཚེ་གཅིག་གི་སྐྱ་ཡ་འཚོལ་རྒྱུ་དེ་རེད་སྙམ། ཁོས་བོད་མོ་ཞིག་ཆུང་མར་ལེན་རྒྱུ་ནི་རྩ་བའི་ཐག་གཅོད་རེད། ཉིན་ཞིག་གྲོགས་པོ་ཞིག་གིས་ཁ་པར་གྱི་ལམ་ནས་ཁོ་ལ་བོད་མོ་སྙིང་རྗེ་བོ་ཞིག་མཚམས་སྦྱོར་བྱས། ཁོས་ཀྱང་དེང་རབས་གློག་ཀླད་དྲྭ་ངོས་ནས་བུ་མོ་དེ་དང་ཁ་བརྡ་གང་མང་བྱས་པས་རིམ་བཞིན་ཁོ་གཉིས་ཀྱི་སེམས་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར། དེ་ལྟར་ལོ་གཅིག་འགོར་བའི་རྗེས་ནས་བུམ་བཟང་གིས་ལོ་གཅིག་གི་དགོངས་པ་ཞུས་ཏེ་བུ་མོ་དེར་ཐུག་པར་རྒྱ་གར་ལ་ཡོང་བ་རེད། བུ་མོ་དེའི་མིང་ལ་འབྲུག་མོ་ཟེར། ཁོ་རྒྱ་གར་ལ་འབྱོར་རྗེས་འབྲུག་མོ་དང་ཁོ་གཉིས་རྒྱ་གར་གྱི་ས་ཆ་གང་ཡིན་སར་འཁྱམས་ཏེ། རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རྒྱུད་ནས་བྱང་ཕྱོགས་ལ་དྭགས་རྒྱལ་ས་གླེས་བར་དུ་སྤྲོ་སྣང་གིས་འཁྱམས། འབྲུག་མོ་ཁོ་ལ་དགའ་བའི་རྣམ་པ་དེས་བུམ་བཟང་གི་ཡིད་དགའ་ཞིང་ཕོ་གསར་གཞན་པ་ཚོ་སྨོན་པ་སྐྱེ་བའི་ཚད་དུ་སླེབས། མ་གཞི་ནས་འབྲུག་མོའི་དཀར་གཙང་གི་ཞལ་རས་ལ་ཡིད་དུ་འོང་བའི་མིག་ཟུང་གིས་བརྒྱན་ཞིང༌། ཕྲ་ཞིང་དྲང་བའི་སྐྱེས་གཟུགས་ལ་འབུར་དུ་ཐོན་པའི་འོ་འཛིན་གྱིས་བརྒྱན་པས་སྟག་ཤར་སུ་ཞིག་གིས་མཐོང་ཡང་སྨོན་པ་ངང་གིས་སྐྱེ། ཁོ་གཉིས་ཀའི་ལྷན་དུ་ལོ་ཕྱེད་ཅིག་གི་དུས་ཚོད་དགོད་སྒྲ་དང་སྤྲོ་སྣང་གིས་བསྐྱལ། བུམ་བཟང་གིས་ག་རེ་ལབ་ཀྱང་འབྲུག་མོས་ཁོའི་ཁ་ལ་ཉན་རྐྱང་བྱེད་ལ། མཚམས་ལན་རེ་བུམ་བཟང་ཡར་མར་ལ་རྩེད་མོ་རྩེད་དུ་སོང་ནས་ཉིན་རེ་ཟུང་ལ་ནང་ལ་མ་ཡོང་རུང་མོས་རྙོག་དྲ་མི་བཤད་པས་མི་ཚང་མས་མོའི་གཤིས་ཀ་ལ་བསྟོད་པ་དང་ཡིད་སྨོན་བྱེད།

          ཉིན་ཞིག་བསམ་ཡུལ་ལས་འདས་པའི་དོན་དག་ཅིག་བྱུང་བ་ནི་བུམ་བཟང་གི་ཕྱིར་བསྐྱོད་ལག་དེབ་བརླགས་ཚར་བ་དེ་རེད། དོན་དག་དེའི་ཆེད་དུ་དགོང་མོ་དེར་བུམ་བཟང་ལས་འབྲུག་མོ་ལ་སེམས་ཁྲལ་ཆེན་པོ་བྱུང་སྟེ་མཚན་གང་བོར་གཉིད་སྐྱིད་པོ་ཞིག་གཏན་ནས་མ་ཡོང༌། ཁོ་གཉིས་གས་ཇི་ལྟར་བཙལ་ཡང་གཏན་ནས་མ་རྙེད་མོད། བུམ་བཟང་གིས་ཡང་བསྐྱར་ལག་དེབ་གསར་བཟོ་བྱས་ན་བཟང་བའིསྐོར་འབྲུག་མོ་ལ་གྲོས་བྱས་དུས་འབྲུག་མོ་སྔོན་ཆད་དང་མི་འདྲ་བའི་ཚོར་སྣང་ཞིག་བུམ་བཟང་གི་སེམས་ལ་ཡང་ཡང་ལྷུང༌། དེ་ལྟར་ཉིན་རེ་ནས་ཉིན་རེར་ཁོ་གཉིས་ཀྱི་བར་ལ་རྩོད་པ་ཡང་ཡང་ཡོང་གི་ཡོད་པས་ཟླ་གཅིག་ལས་མ་འགོར་བར་ཁོ་གཉིས་རང་རང་གི་སར་གྱེས་པ་རེད། བུམ་བཟང་གིས་ཁང་མིག་ཆུང་ཆུང་ཞིག་གླས་ཏེ་རྡ་སར་བསྡད་ཅིང་འབྲུག་མོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་འགྲོ་སོང༌། ཉིན་ཞིག་གི་ཞོགས་པ་མི་ཞིག་གིས་བུམ་བཟང་གི་ཁང་བའི་སྒོ་བརྡུང་བྱུང་བས་ཁོ་ཡར་ལངས་ཏེ་སྒོ་ཕྱེས། སྒོ་རྡུང་མཁན་ནི་པད་མ་གཡུ་སྒྲོན་རེད། མོས་བྱབྱའདི་ཁྱོད་ཀྱི་ཡིན་པ་འདྲ། སྟེང་ན་ཁྱོད་རང་གི་པར་ཞིག་འདུག ཉེ་སྔོན་འབྲུག་མོའི་ང་ཚོ་ལ་སྤྲད་པའི་གྱོན་གོས་དེ་དག་གི་གཅིག་གི་ཁུག་མའི་ནང་ན་འདུག གཅིག་ཐེངས་ན་ཁྱོད་ལ་དགོས་མཁོ་ཅན་ཞིག་ཡིན་ངེས། སྐྱབས་བཅོལ་ལག་དེབ་འདྲ་བོ་ཞིག་འདུག སྐྱབས་བཅོལ་ལག་དེབ་བཟོ་ན་དེང་སྐབས་ཁྲི་ཁ་ཤས་དགོས་ཀྱི་འདུག་བྱབྱཟེར། ཞེས་ཁོའི་བོར་ཟིན་པའི་ཕྱིར་བསྐྱོད་ལག་དེབ་ཟླ་བ་གཡུ་སྒྲོན་གྱིས་ཁྱེར་ནས་སླེབས་སོང༌། ཁོས་གློ་བུར་དུ་ལན་ཅི་ཞིག་རྒྱག་དགོས་པའང་མ་ཤེས་པར་མོ་ལ་ཐུགས་རྗེ་ཆེ། འདི་ངའི་རེད། འདི་ཁྱོད་ལ་རྔན་པ་ཡིན་ཞེས་ཧིན་སྒོར་ལྔ་སྟོང་མོ་ལ་སྤྲད། མོ་གློ་བུར་དུ་ཧང་སངས་ནས་བྱབྱམི་དགོས། དངོས་པོ་དེ་ཁྱོད་ལ་གལ་ཆེན་པོ་ཡིན་ས་རེད། དེས་ན་འགྲིག་སོང་བ་རེད།  ངས་ཏོག་ཙམ་མིན་ན་གད་སྙིགས་སུ་གཡུགས་ཚར་བ་ཡིནབྱབྱ ཞེས་ཕྱིར་འཁོར། བུམ་བཟང་མོའི་རྗེས་ལ་བརྒྱུགས་ཡོང་ནས་བཙན་གྱིས་སྒོར་ལྔ་སྟོང་དེ་མོ་ལ་སྤྲད་ནས་བྱབྱཐུགས་རྗེ་ཆེབྱབྱ་ཟེར་བཞིན་ཕྱིར་ནང་ལ་བུད་སོང༌། གཡུ་སྒྲོན་ནང་ལ་ཡོང་ནས་བསམ་བློ་ཞིག་བཏང་དུས་མོའི་ཡིད་ལ་བུམ་བཟང་གི་ཡ་རབས་སྤྱོད་བཟང་དང་ལྷད་མེད་ཀྱི་ཕན་སེམས་སོགས་ཤར་ནས་རིམ་བཞིན་བུམ་བཟང་མོའི་སེམས་ཀྱི་ཟབ་སར་འཛུལ། དེ་ནས་མོས་བུམ་བཟང་མཐོང་ཐེངས་རེར་དོགས་མི་བདེ་བའི་རྣམ་པ་དེས་མོའི་སེམས་སུ་ཅི་ཞིག་བཤད་འདོད་ཡོད་པ་བུམ་བཟང་གིས་ཀྱང་ཚོར། ཉིན་ཞིག་བུམ་བཟང་གིས་སྤོབས་པ་ཆེར་བསྐྱེད་ཀྱིས་མོ་ནང་ལ་སྐད་བཏང་སྟེ་ཁོ་གཉིས་ཀའི་ཁ་བརྡ་གང་མང་ཞིག་བྱས་མཐར་གཉིས་ཀའི་ཕན་ཚུན་ལ་བཤད་མི་ཐུབ་པའི་གསང་བ་གཅིག་མཚུངས་ཡིན་པས་ལྷད་མེད་ཀྱི་དུང་སེམས་ཀྱང་གཅིག་ཏུ་འདྲེས། དེ་ནས་ཟླ་གཅིག་གི་རྗེས་སུ་ཁོ་གཉིས་ཀྱི་ཆང་ས་བརྒྱབ་སྟེ་ཚེ་གཅིག་གི་གཏན་གྲོགས་སུ་གྱུར། བུམ་བཟང་ཡང་ཕྱིར་ཡོ་རོབ་ལ་འགྲོ་བར་ཐག་མི་རིང་བས་གཡུ་སྒྲོན་གྱི་མིག་ཆུའི་སྐྱེལ་མ་དང་བཅས་རྡ་ས་ནས་ལམ་ལ་བུད་དེ་ལྡི་ལི་ལ་ཆས། ཁོ་ལྡི་ལི་ནས་མ་ཅིག་ཏྲེ་ལ་རུ་སོང་ནས་ཞི་བདེ་གསར་བའི་ཐོག་བརྩེགས་གཉིས་པར་ཁང་མིག་ཅིག་གླས་ཏེ་བསྡད། ཉིན་དེའི་དགོང་མོར་ཁོ་ཨ་མ་ཟ་ཁང་དུ་སོང་ནས་དགོང་ཟས་ཤིག་མངགས་ནས་འདུག་སྐབས། ཏག་ཏག་འབྲུག་མོ་ཨ་རི་ན་ཡོད་པའི་ཁོའི་ངོ་ཤེས་གྲོགས་པ་ཞིག་དང་ལྷན་དུ་ཟ་ཁང་ནང་ལ་འཛུལ་བྱུང་བས། ཁོསབྱབྱཨེ་བློ་བཟང་སྐྲ་རིང་བྱབྱཞེས་ལག་པ་བཀྱགས་ནས་སྐད་བཏང་སྟེ་ཁོ་ཚོ་མཉམ་དུ་ཅོག་ཙེ་གཅིག་གི་སྒང་ལ་འཛོམས་ནས་ཟ་མ་ཟོས། བུམ་བཟང་གིས་རང་ཉིད་ཕྱིར་ཡོ་རོབ་འགྲོ་བ་ཡིན་ཚུལ་སོགས་གླེང་དུས། འབྲུག་མོའི་སེམས་ལ་ཅི་དྲན་འདི་དྲན་མེད་པར་ལུས་ཡོངས་ཚ་ལམ་ལམ་དུ་གྱུར། སྐབས་དེར་ཕྱི་ལོགས་ནས་བུ་མོ་ཞིག་ཡོང་ནས་བྱབྱཨ་རི་ནས་ཟླ་སྒྲོན་ཟེར་བ་ཞིག་གིས་ཁྱོད་ཀྱི་མགྲོན་ཁང་ལ་ཁ་པར་སླེབས་བྱུང་མགྱོགས་པོར་ཤོག་བྱབྱཅེས་བློ་བཟང་ལ་ལབ་བྱུང་བས་ཁོས་བྱབྱསུ་ཞིག་ཡིན་ནམ་ཁྱེད་གཉིས་སྡོད་དང་ང་མགྱོགས་པོར་ཡོང་གི་ཡིནབྱབྱཟེར་བཞིན་བུད་སོང༌།  འབྲུག་མོས་འཚབ་འཚུབ་ངང་བྱབྱཁྱོད་ཀྱི་གྲོགས་པོ་ལ་ཨ་རི་ན་གྲོགས་མོ་མང་པོ་ཡོད་ས་རེད། ཁ་སང་ཡང་་་་་ཞེས་ཚིག་མཇུག་མ་རྫོགས་གོང་བུམ་བཟང་གིས་བྱབྱཟླ་སྒྲོན་ཁོའི་ཆུང་མ་རེདབྱབྱ ཅེས་བཤད་བྱུང་བས་འབྲུག་མོ་དེ་བས་ཀྱང་ཚ་ལམ་ལམ་དུ་གྱུར། ཡིན་ནའང་མོ་བཙན་གྱིས་ལྷོད་ལ་བབ་སྟེ། ཚུར་བུམ་བཟང་གི་གདོང་ལ་བལྟས་ནས། བྱབྱབུམ་བཟང་ཁ་གྱེས་པ་ནས་ཁ་པར་གཅིག་ཀྱང་མི་ཡོང་ག དེ་འདྲའི་བསམ་བློ་མ་འཁུར་རོགས། མི་སུ་དང་སུ་ཞིག་ཡིན་ཡང་ནོར་འཁྲུལ་དང་ཁ་རྩོད་ཤོར་ཡོང་གི་རེད། འུ་གཉིས་ཁ་གྱེས་ཀྱང་ངའི་སེམས་སུ་སྔོན་གྱི་འུ་གཉིས་ཀའི་བརྩེ་དུང་ལ་གས་ཆག་ཤོར་མེད། ཁ་སང་ངའི་གྲོགས་མོ་ཞིག་གིས་སྐྱེས་སྐར་སྒང་ནས་ཁོ་ངོ་ཤེས་པ་ཡིན། ཁོས་དེ་རིང་མཉམ་དུ་ཟ་མ་ཟ་རུ་འགྲོ་ཟེར་བས་ངེད་གཉིས་མཉམ་དུ་ཡོང་བ་ཡིན། མ་གཏོགས་གཞན་་་་བྱབྱབུམ་བཟང་གིས་མྱུར་དུ་བྱབྱརེད་རེད། དེང་སྐབས་ཀྱི་ལུགས་སྲོལ་རེད།བྱབྱཅེས་ལན་སྟབས་བདེ་ཞིག་བརྒྱབ་ནས་མངར་ཆུ་ཞིག་བླུགས་ཏེ་ཕར་མོ་ལ་སྤྲད། འབྲུག་མོའི་སེམས་ལ་ཁོས་ང་ལ་འཁོན་སེམས་འཛིན་གྱི་མེད་པ་འདྲ། ཕྱི་ལོགས་ནས་ཡོང་བའི་མི་དེ་འདྲ་ས་མི་འདུག་ཅེས་སྙམ་པའི་ཞོར་ལ་བརྩེ་འདང་ཞིག་ཀྱང་ངང་གིས་སླེབས་ཏེ། བྱབྱཁྱོད་ཀྱི་ཕྱི་བསྐྱོད་ལག་དེབ་གང་ན་འདུག་བྱབྱཅེས་དྲིས་བྱུང་བས། བྱབྱཁྱོད་ཀྱིས་མཉམ་མ་བཞག་པར་གྱོན་གོས་རྙིང་བ་ཁ་ཤས་པདྨ་གཡུ་སྒྲོན་ལ་སྤྲད་འདུག་ག དེའི་གཅིག་གི་ཁུག་མའི་ནང་ལ་འདུག་ཟེར། ཟླ་གཉིས་ཀྱི་སྔོན་ལ་མོས་ཁྱེར་ནས་ངའི་ནང་ལ་སླེབས་སོང༌། སྙིང་རྗེ་མོས་ལག་དེབ་སྟེང་གི་པར་ལ་བལྟས་ནས་ངའི་ཡིན་པ་ཤེས་པ་ཙམ་ལས་ཕྱི་བསྐྱོད་ལག་དེབ་ཡིན་པ་ཤེས་མི་འདུགབྱབྱཅེས་བཤད། འབྲུག་མོས་ཨ་ཡ་མཚར་ང་འདི་ཐམ་མེ་འཐོམ་མེ་དེ་འདྲ་ག་འདྲ་ཡིན་ནམ། བྱབྱགཡུ་སྒྲོན་མ་གཞི་ནས་བུ་མོ་ཡ་རབས་ཡོད་པ་རེད་ངས་གཡུ་སྒྲོན་ལ་ཁ་པར་བཏང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིནབྱབྱཞེས་བཤད་བཞིན་སྡེར་མའི་ནང་གི་བྱ་ཤ་དེ་ལས་གཅིག་ཐུར་མས་བཟུང་ནས་ཁོའི་ཕོར་བའི་ནང་ལ་བཞག མོས་གཡུ་སྒྲོན་ལ་ཁ་པར་བཏང༌། བུམ་བཟང་ཡང་སྡོད་མ་ཚུགས་པར་གཙང་སྤྱོད་ལ་བུད་སོང༌། ཁོ་ཕྱིར་ཡོང་དུས་བློ་བཟང་ཡང་སླེབས་འདུག་མོད་སུ་གང་ལའང་ཅང་བཤད་རྒྱུ་མི་འདུག མཚམས་ཤིག་ནས་འབྲུག་མོའི་ཡིད་དུ་འོང་བའི་མིག་འདབས་ནས་མིག་ཆུ་འགའ་མཁུར་ཚོའི་བརྒྱུད་དེ་བྲང་ཁར་ལྷུང༌།

གཡོ་ཁྲམ།

ཚེ་རིང་མཚོ་མོས་རང་གི་བུ་ནོར་བུས་མཐོ་འབྲིང་ཚུད་རྒྱུགས་ཀྱི་ཡིག་ཚད་ལོན་མེད་པ་ཐོས། མོས་བསམ་བློ་ཞིག་བཏང་དུས་ནོར་བུའི་དགེ་རྒན་རྡོ་རྗེ་མོ་ལ་དགའ་མྱོང་བའི་འདས་དོན་དེ་ཡིད་ལ་ཤར།

ཏིར་ཏིར་ཏིར། བྱབྱཝེ་སུ་ཡིན།བྱབྱ བྱབྱང་ཚེ་རིང་མཚོ་མོ་ཡིན། མ་ཐུག པའི་རིང་ལ་བདེ་མོ་ཡིན་ནམ།

དེང་སྐབས་ཁ་པར་གཅིག་ཀྱང་ཡོང་རྒྱུ་མེད་དོན་ཅི་ཡིན། ཡིད་དུ་འོང་བའི་མཛེས་མ་ཞིག་དང་འཕྲད་ཡོད་པ་མིན་ནམབྱབྱ། ཞེས་ཀུ་རེའི་རྣམ་པའི་ངོས་ནས་བཤད་བྱུང་བས། རྡོ་རྗེས། བྱབྱམིན་མིན། ང་དགའ་རོགས་མེད་ལ་དགེ་སློང་ཡིན།

འགྲོ་རོགས་གྲིབ་མ་ནག་རིལ་ཡིན། ཉལ་རོགས་པུས་མོ་སྐྱ་རིལ་ཡིན། ངས་ཁྱོད་རང་མ་དྲན་པའི་ཉི་མ་གཅིག་མེད་ཟེར་ན་ཕལ་ཆེར་མི་འགྲིག་པ་མེད། ཡིན་ནའང་ཁྱོད་ཀྱིས་བཀྲ་ཤིས་དང་ཆང་ས་རྒྱབ་པ་ནས་ངས་ཁྱོད་ཀྱི་བདེ་སྐྱིད་ལ་བར་ཆད་གཏོང་འདོད་མ་བྱུང༌། དེ་ནས་བཟུང་ཁ་པར་ཞིག་རྒྱག་པའི་སྤོབས་པ་ཡོངས་སུ་ཞུམ། ཁྱོད་ཀྱི་སེམས་ན་ང་ཡོད་རྒྱུ་ཞིག་ངའི་ཡིད་ལའང་མ་དྲན།

ད་ལྟ་བདེ་མོ་ཡིན་ནམབྱབྱ། ཞེས་སེམས་གཏིང་གི་སྐད་ཆ་འདི་དག་བཤད་དུས། མོས།

བྱབྱང་བདེ་མོ་ཡིན། སློབ་གྲྭའི་དགུན་གནང་སྐབས་ལ་བཀྲ་ཤིས་ལྷ་སར་འགྲོ་རྒྱུ་རེད། ཕལ་ཆེར་ཟླ་གཅིག་འགོར་ངེས།

དེ་དུས་ནོར་བུ་ལ་འགྲོགས་ནས་ཤོག  ད་ལོ་ནོར་བུས་མཐོ་འབྲིང་ལ་ཡིག་རྒྱུགས་གཏོང་དགོས་མོད། ཁྱོད་ཀྱིས་སློབ་ཁྲིད་བྱེད་ཐབས་བཟང་བས་ནོར་བུས་རྒྱུགས་འཕྲོད་པ་ང་ཡིད་ཆེས་ཡོད།

ང་ཚོ་ངོ་ཤེས་རྙིང་བ་ཡིན་པས་ཕན་ཚུན་འཛེམས་ཟོན་བྱེད་དགོས་དོན་མེད།

ངས་ཁྱེད་གཉིས་ལ་བསྒུག་ནས་འདུག གནས་སྐབས་བདེ་མོ་བྱོསབྱབྱ། ཞེས་ཁ་པར་བཞག་བྱུང༌།

རྡོ་རྗེའི་སེམས་ལ་ཚེ་རིང་མཚོ་མོ་ལ་སྔོན་ཆད་རེ་བ་བརྒྱབ་མྱོང་ནའང་མོས་ངའི་ཡིད་ཚིམས་པའི་ལན་འདེབས་གཅིག་ཀྱང་བྱས་མ་མྱོང༌། ནམ་རྒྱུན་ཡར་མར་ལ་འགྲོ་དུས་འཛུམ་ཙམ་རེ་དང་མཚམས་མཚམས་ལ་སྤྱིར་བཏངགི་སྐད་

ཆ་རེ་ལས་འབྲེལ་འདྲིས་མེད་པ་ལྟར་སྣང་ཡང་ང་མོ་ལ་དགའ་བ་བཞིན་མོའང་ང་ལ་དགའ་ཡི་ཡོད་ཚོད་

རེད་སྙམ་ནས་སེམས་ལ་བདེ་དྲོད་ཅིག་འཁྱིལ་མོད་ནོར་བུའི་ཡིག་རྒྱུགས་འཕྲོད་མེད་པ་ཡིད་ལ་དྲན་ནས། བྱེད་ཐབས་ཤིག་ལ་བསམ་བློ་བཏང༌།

འཛིན་གྲྭ་འཚོགས་སོང༌།       རྡོ་རྗེ་སློབ་ཁང་དུ་ཡོང་སྟེ་སློབ་མ་ཚང་མའི་མདུན་ནས་ནོར་བུ་ལ་བྱབྱདགོངས་པ་མ་ཚོམས། རྒྱུ་མཚན་ནི་མཐོ་འབྲིང་ཚུད་རྒྱུགས་ཀྱི་ནང་ལ་ནོར་བུས་སྐར་མ་༡༢ ཆད་དེ་ཚུད་རྒྱུགས་ལོན་མེད་པའི་གྲས་སུ་བཞག་ཡོད་མོད། རྒྱུགས་ཤོག་ལ་ཞིབ་གཤེར་བྱེད་དུས་ཁོའི་སྐར་མ་༡༧ ཅན་གྱི་དྲི་བ་ཞིག་ལ་སྐར་མ་སྤྲད་མི་འདུག དེ་སྡོམ་དུས་ཁོ་མཐོ་འབྲིང་ཚུད་རྒྱུགས་ལོན་འདུག་པས་ངས་ཁ་སང་ལྟ་ཉེས་ཤོར་བར་དགོངས་པ་མ་ཚོམས་ཞུས་པ་ཡིནབྱབྱ། ཞེས་གསུང་བྱུང་བས་སློབ་མ་ཚོའི་སེམས་ལ་ད་དུང་ཡང་ལྟ་ཉེས་ཤོར་བ་ཡོད་སྲིད་རྒྱུ་རེད་སྙམ་མོད་ཁ་གྲགས་མཁན་གཅིག་ཀྱང་མ་བྱུང༌། ཕྱི་དྲོ་དེར་མཐོ་འབྲིང་ཚུད་རྒྱུགས་ཀྱི་མིང་ཐོ་ཡར་གོང་རིམ་ལ་ཕུལ་ཟིན།

སློབ་གྲྭར་དགུན་གནང་གཏོང་བར་བདུན་ཕྲག་གཅིག་ལས་མེད་པས་རྡོ་རྗེས་སྒོར་མོ་མང་པོ་ཞིག་གིས་

ལེགས་སྐྱེས་ཉོས་ཤིང་ནོར་བུ་ལའང་སྒོར་བརྒྱ་སྤྲད་ནས་ཨ་མ་ལ་ལག་རྟགས་ཉོས་ཟེར་བས་ནོར་བུས་རང་

གི་དགེ་རྒན་རྡོ་རྗེ་ནི་དངོས་གནས་མི་ཡག་པོ་ཞིག་རེད་སྙམ།

སང་ཉིན་ནི་དགུན་གནང་ཡིན་པས་རྡོ་རྗེས་སེམས་ལ་དགའ་སྣང་གིས་ཁེངས་ནས་ཡོད།

ཏིར་ཏིར་ཏིར། ཁ་པར་ཞིག་འབྱོར་བྱུང༌། བྱབྱརྡོ་རྗེ་བདེ་མོ་ཡིན་ནམ།

སང་ཉིན་དགུན་གནང་རེད་ཁྱོད་ནོར་བུ་ལ་འགྲོགས་ནས་ཡོང་གི་ཨེ་ཡོད་བྱབྱཅེས་དྲིས་བྱུང་བས། ཁོས་བྱབྱཡོད་ཡོད་ངེད་གཉིས་ཀྱིས་ངའི་སྦག་སྦག་ཞོན་ནས་ཡོང་གི་ཡོདབྱབྱ་ཅེས་ལན་ཞིག་བྱིན་ཞིང༌།

བྱབྱཝེ་མཚོ་མོ། བཀྲ་ཤིས་ལྷ་སར་ནམ་བུད་ཐལབྱབྱ། ཞེས་དྲིས་པས་མོའི་འདོད་ཐོག་ལ་སོང་བ་བཞིན།  བྱབྱབཀྲ་ཤིས་ལ་ལས་ཁུངས་ནས་དགོངས་པ་མ་སྤྲད་པས་ལྷ་སར་འགྲོ་མ་ཐུབ་ཐལ།

གཅིག་བྱས་ན་ལོ་རྗེས་མ་ལ་འགྲོ་རྒྱུ་རེད། དེའི་སྐོར་སང་ཉིན་ཁྱོད་གཉིས་འདིར་འབྱོར་རྗེས་ཁ་བརྡ་བྱེད།

སང་ཉིན་མཇལ་ཡོང་བྱབྱཅེས་ཁ་པར་བཞག་བྱུང་པས། དགེ་རྒན་རྡོ་རྗེའི་ཁ་ནས་་་ཨ་་་ཨིན་་་་

དགོངས་པ་སྤྲད་མ་སོང་་་་་ལོ་རྗེས་མ་་་ཚེ་རིང་མཚོ་མོ་སོགས་

ལྡབ་ལྡིབ་ཅིག་སྨྲ་བཞིན་ཉོས་ཟིན་པའི་ལག་རྟགས་དེ་དག་ལ་ཅེར་ནས་བསྡད་འདུག

སྙན་ངག།

སྙན་ངག།

སྙན་ངག།

སྙན་ངག།

སྙན་ངག།

སྙན་ངག།

གཏམ་དཔེ་འབྲི་སའི་ས་མིག

གཏམ་དཔེ་འབྲི་སའི་ས་མིག

གཏམ་དཔེ་འབྲི་སའི་ས་མིག

གཏམ་དཔེ་འབྲི་སའི་ས་མིག

སྒྱུར་རྕོམ།

སྒྱུར་རྕོམ་འབྲི་སའི་ས་མིག

སྒྱུར་རྕོམ་འབྲི་སའི་ས་མིག

སྒྱུར་རྕོམ་འབྲི་སའི་ས་མིག

སྒྱུར་རྕོམ་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག