སྙན་ངག་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག

སྙན་ངག་འབྲི་སའི་ས་མིག

3 Responses to སྙན་ངག་འབྲི་སའི་ས་མིག

  • ཁ་སྒང་བསམ་གཏན།:

    གངས་སྲས་ཀྱིས་བྲིས་པའི་ཚོར་བྱུང་སྙན་ངག་དེ་ཡང་ནས་ཡང་དུ་ཀློག་ན་འདོད། མུ་མཐུད་འབྲི་རོགས།

  • ཁ་སྒང་བསམ་གཏན།:

    ང་རང་བོད་པ་ཡིན་པ་བསོད་ནམས་ཆེ། གཞས་ཚིག

    ང་ཡི་སྐྱེས་ཡུལ་གངས་ལྗོངས་ཕྱུག་མོ་ཡིན།།
    འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཡིན།།
    མ་ཎི་ཡིག་དྲུག་དབྱངས་རྟ་ཐོས་ས་ཡིན།།
    ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

    ང་ཡི་བཙན་པོ་སྲོང་བཙན་སྒམ་པོ་ཡིན།།
    བཅུ་དྲུག་གཙང་མས་རྒྱལ་ཁབ་ཆོས་བཞིན་བསྐྱངས།།
    སྲིད་ཀྱི་འཁོར་ལོ་མཐའ་བཞིའི་དབུས་སུ་བསྐོར།།
    ང་རང་བོད་པ་ཡི་པ་བསོད་ནམས་ཆེ།།

    ང་ཡི་དགེ་རྒན་སློབ་དཔོན་ཐོན་མི་ཡིན།།
    གསལ་བྱེད་སུམ་ཅུ་དབྱངས་བཞི་ཡི་གེ་མཛད།།
    བརྒྱད་ཁྲི་བཞི་སྟོང་ཆོས་སྒོ་འདི་ཡིས་ཕྱེས།།
    ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

    ང་ཡི་བླ་མ་བསྟན་འཛིན་རྒྱ་མཚོ་ཡིན།།
    ཕྱག་ན་པདྨོ་འཛིན་པའི་རྣམ་སྤྲུལ་ཡིན།།
    འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ་ཡིན།།
    ང་རང་བོད་པ་ཡིན་པ་བསོད་ནམས་ཆེ།།

  • ཁ་སྒང་བསམ་གཏན།:

    ཆོལ་ཁ་གསུམ་གྱི་སྤུན་ཟླ། གཞས་ཚིག
    ཆོལ་ཁ་གསུམ་གྱི་སྤུན་ཟླ།། འཁྲུངས་སའི་ཡུལ་གྲུ་གཅིག་རེད།། འཚོ་བའི་གཞི་རྟེན་གཅིག་རེད།།
    ཡུལ་དང་གོམས་སྲོལ་གཅིག་རེད།། ང་ཚོ་ཚང་མ་སྤུན་རེད།།

    ཆོལ་ཁ་གསུམ་གྱི་སྤུན་ཟླ།། དྲིན་ཅན་ཕ་མ་གཅིག་རེད།། ཤ་ཁྲག་རུས་པ་གཅིག་རེད།།
    སྐད་དང་ཡི་གེ་གཅིག་རེད།། ང་ཚོ་ཚང་མ་སྤུན་རེད།།

    ཆོལ་ཁ་གསུམ་གྱི་སྤུན་ཟླ།། རྩ་བའི་བླ་མ་གཅིག་རེད།། ཆོས་དང་གྲུབ་མཐའ་གཅིག་རེད།།
    བྱམས་དང་སྙིང་རྗེ་གཅིག་རེད།། ང་ཚོ་ཚང་མ་སྤུན་རེད།།

    ཆོལ་ཁ་གསུམ་གྱི་སྤུན་ཟླ།། བཙན་པོའི་གདུང་རྒྱུད་གཅིག་རེད།། དཔའ་སྐད་སྙིང་སྟོབས་གཅིག་རེད།།
    ལོ་རྒྱུས་ཟིན་ཐོ་གཅིག་རེད།། ང་ཚོ་ཚང་མ་སྤུན་རེད།།

    ཆོལ་ཁ་གསུམ་གྱི་སྤུན་ཟླ་ལགས།། སྐྱིད་པའི་གླུ་གཞས་མཉམ་དུ་ལེན།། སྡུག་གི་དབྱངས་རྟ་མཉམ་དུ་འགུག །
    མཛའ་མཐུན་ལག་གདེང་གཅིག་ཏུ་སྦྲེལ།། བོད་མིའི་བསམ་དོན་འགྲུབ་པར་ཤོག །

Leave a Reply